THE WAY OF DOING… / HOW TO DO…
| Verb + སྟངས་ / ཚུལ་ / སྲོལ་ With know : Verb + སྟངས་ + ཤེས་ · After ཡིན / མེད : ཡིན་ / མེད་ + ཚུལ་ | |
| |
| The way someone does it : སྟངས་ | |
| སྐད་ཆ་ཤོད་སྟངས་འདི་འདྲས་མ་རེད། | This is not the proper way of talking. |
| བུ་དང་བུ་མོའི་ཕྱུ་པ་གོན་སྟངས་ལོགས་ག་རེད། | The way men and women wear the chuba is different. |
| དེང་སང་བོད་ཀྱི་ཁང་པ་རྒྱག་སྟངས་སྔན་མ་དང་གཅིག་པ་མ་རེད། | The way they build houses in Tibet today is not as it was in the past. |
| ཁྱེད་རང་གི་སྐད་ཆ་བདེན་པ་རེད་དེ་ལབ་སྟངས་ཏོག་ཙམ་ཡག་པོ་མི་འདུག | What you said is true. But the way [you] said it is not really OK. |
| Know how to… : སྟངས་ + ཤེས་ | |
| ཁ་ལག་བཟོ་སྟངས་ཤེས་ཀྱི་མི་འདུག | (He) does not know how to cook food. |
| ཁྱེད་རང་གིས་མོག་མོག་བཟོ་སྟངས་ཤེས་ཀྱི་ཡོད་པས། | Do you know how to make momos? |
| The same with ཚུལ་ | |
| ཁོང་གིས་བོད་ཤོག་བཟོ་ཚུལ་འགྲེལ་བཤད་བརྒྱབ་པ་རེད། | He explained how Tibetan paper is made. |
| འཛམ་གླིང་ལ་ཆོས་བྱེད་ཚུལ་མི་འདྲ་བ་མང་པོ་ཞེ་དྲགས་ཡོད་རེད། | There are many different ways to practice religion in the world. |
| རྒན་ལགས་ཀྱི་འགྲེལ་བཤད་གནང་ཚུལ་གསལ་པོ་ཞེ་དྲགས་ཡོད་རེད། | The teacher's way of explaining is extremely clear. (H) |
| ཚུལ་ after ཡིན / མེད : how it is, how it is not | |
| མཁན་པོ་ལགས་ཀྱིས་སེམས་བསྐྱེད་གལ་ཆེན་པོ་ཡིན་ཚུལ་གྱི་སྐོར་འགྲེལ་བཤད་མང་པོ་སྐྱོན་གྱི་འདུག | Khenpo-la explains a lot about how it is important to give rise to bodhicitta. (H) |
| ཁེ་ས་གསུང་ཆོས་སྐབས་ལ་སློབ་དཔོན་ལགས་ཀྱིས་ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་མེད་ཚུལ་གྱི་སྐོར་གསུངས་སོང་། | Yesterday at the Dharma talk, Lobpon-la spoke about how all phenomena are not established by their own essence. (H) |
| The customary way of a group : སྲོལ་ | |
| རྒྱ་གར་དང་ནུབ་ཕྱོགས་ཀྱི་དུག་སློག་གྱོན་སྲོལ་རྦད་དེ་ཁག་ཁག་ཡོད་རེད། | The customs of dressing in India and in the West are completely different. |
| ལུང་པ་རེ་རེར་ཟེར་སྲོལ་རེ་རེ་ཡོད་རེད། | Each country (or valley) has its own traditional sayings. |
| དགོན་པ་ལ་ཞལ་ལག་མ་མཆོད་སྔོན་ལ་མཆོད་པ་ཕུལ་སྲོལ་དེ་སྙིང་རྗེ་པོ་གཅིག་འདུག་ག | The custom of offering the food [to the deities] before eating in the monasteries is nice, isn't it? (H) |
| ངའི་ལུང་པ་ལ་ཆང་འཐུང་སྲོལ་ཡོད་མ་རེད་། ཡིན་ནའི་ཇ་འདྲ་མིན་སྣ་ཚོགས་འཐུང་སྲོལ་ཡོད་རེད། | In my country there is no custom of drinking chang. But we do have the tradition of drinking different types of tea. |