IF…
IF IT IS… / IF IT ISN'T…
| Condition + ཡིན་ / མིན་ + ན་ + result Future : Verb + ཡག་ཡིན་ / ཡག་མིན་ + ན་ | |
| |
| If it is… (ཡིན་ན) | |
| གལ་སྲིད་ཁྱེད་རང་དབྱིན་ཇི་ཡིན་ན་དབྱིན་སྐད་ཤེས་ཀྱི་ཡོད་རེད། | If you are British, you (already) know English. |
| ཁྱེད་རང་གྲྭ་པ་ཡིན་ན་ཁྱེད་རང་གི་སྐྲ་རིང་དགས་འདུག | If you are a monk, your hair is too long. |
| ཚོང་པ་ཡིན་ན་དྲང་པོ་བྱེད་ཡག་དེ་དམིགས་གསལ་གྱི་གལ་ཆེན་པོ་ཡོད་རེད། | If one is a businessperson, it is particularly important to be honest. |
| གལ་སྲིད་ཁྱེད་རང་བོད་སྐད་སློབ་ཕྲུག་ཡིན་ན་ར་མ་ལུག་རྒྱག་རོགས་གནང་། | If you are a Tibetan language student, please mix the language [lit. "neither goat nor sheep"]! (H) |
| དེ་དུས་ང་ཚོ་ཆེན་པོ་ཡིན་ན་ལས་ཀ་འདི་འདྲས་བྱས་ཡོག་མ་རེད། | If we had been big enough at that time, we would not have done such things. |
| If it isn't… (མིན་ན) | |
| གལ་སྲིད་ཁོང་ཧིན་དུ་མིན་ན་ལྷ་ཁང་འདི་ལ་འགྲོ་ཆོག་གི་མ་རེད། | If he is not a Hindu, he is not allowed to enter this temple. |
| If it is going to… (ཡག་ཡིན་ན / ཡག་མིན་ན) | |
| གལ་སྲིད་ངའི་རོགས་པ་བོད་ལ་ཕེབས་ཡག་ཡིན་ན་ང་ཡང་འགྲོ་ཡི(གི)་ཡིན། | If my friend is going to Tibet, then I will go too. (H) |
| ཁོང་ལོ་རྗེས་མར་ཨ་རི་ལ་ཕེབས་ཡག་ཡིན་ན་ད་ལྟ་ནས་དབྱིན་སྐད་སྦྱང་དགོས་ཀྱི་ཡོད་རེད། | If she is going to the US next year, she needs to study English from now onwards. |
| ངའི་ཨ་ཅག་ལགས་བདུན་ཕྲག་རྗེས་མར་ཡིག་ཚད་གཏོང་ཡག་ཡིན་ན་ཁེ་ས་ནས་སློབ་སྦྱོང་བྱས་ཡོད་ས་རེད། | If my older sister is taking an exam next week, she has probably [already] studied from yesterday onwards. |
| ཁོང་ཁ་ལག་མང་པོ་ཟ་ཡག་མིན་ན་ངས་མོག་མོག་ཉུང་ཉུང་མ་གཏོགས་བཟོ་གི་མིན། | If she’s not going to eat much, I will only prepare a few momos. |
IF THERE IS… / IF I HAVE…
| Condition + ཡོད་ / མེད་ + ན་ + result With a verb in the present : Verb + ཀྱི་ཡོད་ / ཀྱི་མེད་ + ན་ | |
| |
| If there is / If I have… (ཡོད་ན) | |
| ང་ལ་དུས་ཚོད་ཡོད་ན་ཐུགས་སྤྲོ་ལ་ཡོང་གི་ཡིན། | If I have time, I will come to the party. |
| ཁྱེད་རང་ལ་དུས་ཚོད་ཡོད་ན་ངའི་ནང་ལ་ཕེབས་ཤོག | If you have time, come to my house. (H) |
| རྩམ་པའི་ནང་ལ་མར་བྱས་ཕྱུར་ར་བྱས་སྦྲང་རྩི་ཡོད་ན་ཞིམ་པོ་ཡོད་རེད། | If there are butter, cheese and honey in the tsampa, it's delicious. |
| གནམ་གཤིས་སྡུག་ཅག་ཡོད་ན་འཁྱམ་འཁྱམ་ལ་འགྲོ་ཡི(གི)་མེད། | If the weather is bad, I do not go for walks. |
| If there isn't / If I don't have… (མེད་ན) | |
| ཁྱེད་རང་ལ་དངུལ་མེད་ན་ངས་གཡར་ཆོག | If you don't have any money, I'll lend you some. |
| ཁྱེད་རང་ལ་ཕྱག་ཁྱེར་མེད་ན་ཕ་གིར་ཕེབས་ཆོག་གི་མ་རེད། | If you haven't got a permit, you won't be able to go there. |
| ལམ་ཡིག་མེད་ན་ཉེན་རྟོག་པས་རྙོག་གྲ་བཤད་ཀྱི་རེད། | If one does not have a passport, the policemen will complain. |
| མིག་ཡག་པོ་མེད་ན་ཡི་གེ་ཆུང་ཆུང་མཐོང་ཐུབ་ཀྱི་མ་རེད། | If one's eyes are not good, one can't read small letters. |
| སྤུས་ཀ་ཡག་པོ་མེད་ན་གོང་ཆེན་པོ་སྤྲོད་ཐུབ་ས་མ་རེད། | If the quality is not good, I probably won't be able to pay a lot. |
| With a verb : ཀྱི་ཡོད་ན / ཀྱི་མེད་ན | |
| གལ་སྲིད་ཁྱེད་རང་ལས་ཀ་མང་པོ་བྱེད་ཀྱི་ཡོད་ན་དཀའ་ལས་ཁག་གི་རེད། | If you work a lot, you will get tired. |
| སློབ་ཕྲུག་ཚོས་བསྐྱར་སྦྱོང་བྱེད་ཀྱི་མེད་ན་ཚིག་དེ་ཚོ་བརྗེད་ཀྱི་རེད། | If the students don't review, they will forget the words. |
| ཁྱེད་རང་རང་སྦྱོང་བྱེད་ཀྱི་མེད་ན་རྒན་སེང་གེ་ལགས་ཀྱིས་བཀའ་བཀྱོན་གནང་གི་རེད། | If you do not study, [your] Gen Sengey-la will scold [you]. (H) |
| After a past verb : ཡོད་ན / མེད་ན | |
| ཁྱེད་རང་གིས་ཁ་ལག་བཟོས་མེད་ན་ངས་མོག་མོག་ཉོས་ཡོང་གོ། | If you haven't cooked (yet), I will buy momos and come. |
| གལ་སྲིད་ནད་པ་དེས་སྨན་ཚང་མ་བཟས་ཡོད་ན་དྲག་ཡོད་ས་རེད། | If that patient has taken all of the medicine, she has probably recovered. |
| ཁྱེད་རང་གིས་དཔེ་ཆ་འདི་ཀློག་ཡོད་ན་ད་ལྟ་ང་ལ་གཡར་རོགས་གནང་། | If you have read this pecha, please lend it to me now. (H) |
IF YOU DO… / IF YOU DON'T…
| Verb + ན་ + result Negative : མ་ + Verb + ན་ | |
| |
| If you do X, Y happens (general) | |
| ཆར་པ་བབས་ན་ཆར་གདུགས་འཁྱེར་དགོས་རེད། | If it rains, one has to take an umbrella. |
| དགུན་ཁ་ཤར་ན་གངས་འབབ་ཀྱི་རེད། | If winter comes, it will snow. |
| གྲོད་ཁོག་ལྟོགས་ན་ཁ་ལག་ཟ་དགོས་རེད། | If one is hungry, one must eat food. |
| སྨན་བཟས་ན་ན་ཚ་དྲག་གི་རེད། | If one takes the medicine, the illness will improve. |
| དེབ་ཀློག་ན་སེམས་པ་སྐྱིད་པོ་ཡོད་རེད། | If one reads books, one is happy. |
| ཟ་ཁང་འདིར་ཁ་ལག་ཟ་ན་གྲོད་ཁོག་ན་ཡི(གི)་རེད། | If you eat in this restaurant, you’ll get a stomach ache. |
| Asking permission : “Is it okay if I…?” | |
| ངས་སྒོ་ཕྱེ་ན་འགྲིག་གི་རེད་པས། | Is it okay if I open the door? |
| ང་འདིར་བསྡད་ན་འགྲིགས་ཀྱི་རེད་པས། | Is it all right if I sit here? |
| ཁྱེད་རང་གིས་ངའི་ཚིག་མཛོད་བེད་སྤྱོད་བཏང་ན་འགྲིག་གི་རེད། | It's fine if you use my dictionary. |
| If you don't do X (མ་ + verb) | |
| གཟབ་གཟབ་མ་བྱས་ན་ཉེན་ཁ་འདུག | If you're not careful, it's risky. |
| ང་ལ་ལས་ཀ་འདི་མ་རག་ན་ང་སེམས་པ་སྐྱོ་ས་རེད། | If I don’t get this job, I will most likely get sad. |
| ངས་ཟིན་བྲིས་མ་བརྒྱབ་ན་དོན་དག་དྲན་པ་བརྗེད་ས་རེད། | If I don’t take notes, I will most likely forget the meaning. |
| རྩེད་མོ་ཡག་པོ་མ་རྩེས་ན་ཁོང་ཁྲོ་ལང་གི་འདུག | If one doesn't play well, one will get angry. |
UNLESS YOU DO…
| Verb + ན་མ་གཏོགས་ + result Often a negative result : … + མ་རེད། / མིན། | |
| |
| Unless you do X, you won't be able to… | |
| ཁྱེད་རང་ཐུགས་སྤྲོ་ལ་ཕེབས་ན་མ་གཏོགས་ང་འགྲོ་ཡི(གི)་མིན། | Unless you go to the party, I won't either. (H) (Except if you go to the party, I will not go.) |
| ཞབས་འཕེན་གློད་ན་མ་གཏོགས་ཁོང་རྗེས་ཟིན་ས་མ་རེད། | Unless you run you won't be able to catch him. (Except if you run, you will not be able to catch him.) |
| མགྱོགས་པོ་ཐེག་ན་མ་གཏོགས་མེ་འཁོར་རྗེས་ཟིན་ས་མ་རེད། | Unless you go quickly, you will not be able to catch the train. (Except if you go quickly, you will not be able to catch the train.) |
| ཁྱེད་རང་གིས་གོང་ཏོག་ཙམ་བཅག་ན་མ་གཏོགས་ཆུ་ཚོད་འདི་ཉོ་གི་མིན། | Unless you give me a little discount, I won't buy this watch. (Except if you give me a little discount, I will not buy this watch.) |
| ངས་ལས་ཀ་འདི་དེ་རིང་རང་ཚར་བར་བྱས་ན་མ་གཏོགས་གླིང་ག་ལ་འགྲོ་ལོང་རག་གི་མ་རེད། | Unless I finish this work today, I won't be able to go to the picnic. (Except if I finish this work today, I will not be able to go to the picnic.) |
| ཁོང་ཚོར་ལག་འཁྱེར་ཡོད་ན་མ་གཏོགས་ཕེབས་ཆོག་གི་མ་རེད། | They won't be able to go unless they have permits. (Except if they have permits, they will not be able to go.) |
| Unless you do X, something bad happens | |
| ལམ་ཀ་ལ་གཟབ་གཟབ་བྱས་ན་མ་གཏོགས་རིལ་གྱི་རེད། | Unless you’re careful [out] in the street, you’ll fall down. (Except if you are careful in the street, you will fall down.) |
| ཁྱེད་རང་གཟབ་གཟབ་བྱས་ན་མ་གཏོགས་ཅ་ལག་བརླགས་འགྲོ་ཡི(གི)་རེད། | Unless you’re careful, you’ll lose your things. (Except if you are careful, you will lose your things.) |
| ཚིག་གསར་པ་དེ་ཚོ་བེད་སྤྱོད་བཏང་ན་མ་གཏོགས་ག་ལེར་ག་ལེར་བརྗེད་འགྲོ་ཡི(གི)་རེད། | Unless you use [your] new words, you’ll slowly forget them. (Except if you use these new words, you will slowly forget them.) |
| གཟབ་གཟབ་བྱས་ན་མ་གཏོགས་དཀར་ཡོལ་ཆག་ཡོང་། | Unless you are careful, the cup will break! (Except if you are careful, the cup will break!) |
| སྒོ་ཡག་པོ་བརྒྱབ་ན་མ་གཏོགས་རྐུ་མ་ཡོང་གི་རེད། | Unless you close the door well, thieves will come. (Except if you close the door well, thieves will come.) |
| མགྱོགས་པོ་ཕེབས་ན་མ་གཏོགས་སྒོ་རྒྱག་གི་རེད། | Unless you hurry, it will be closed. (H) (Except if you hurry, it will be closed.) |
IF I HAD… (BUT I DON'T / DIDN'T)
| Condition + ཡོད་ + པ་ཡིན་ན་ + result With a verb : Verb + ཀྱི་ཡོད་ + པ་ཡིན་ན་ ; negative : མ་ + Verb + པ་ཡིན་ན་ | |
| |
| Present : If I had… (but I don't) | |
| གལ་སྲིད་ང་ལ་དུས་ཚོད་སྟོང་པ་མང་པོ་ཡོད་པ་ཡིན་ན་གནས་སྐོར་ལ་འགྲོ་ས་རེད། | If I had a lot of free time, I’d probably go on pilgrimage. |
| ཁོང་དེང་སང་ལས་རང་སྦྱོང་མང་པོ་བྱེད་ཀྱི་ཡོད་པ་ཡིན་ན་རྒན་ལགས་སེམས་པ་དགའ་ས་རེད། | If he did a lot of self-study these days, the professor would be happy. (H) |
| གལ་སྲིད་ཁྱེད་རང་ཁང་པ་འདི་གླས་པ་ཡིན་ན་སྒོར་མོ་བདུན་སྟོང་སྤྲད་དགོས་ཀྱི་ཡོད་ས་རེད། | If you were to rent this place, you'd probably have to pay 7000 rupees. |
| Past : If I had had… (but I didn't) | |
| བསོད་ནམས་ལ་དངུལ་ཡོད་པ་ཡིན་ན་ཁོང་གནམ་གྲུའི་ནང་ལ་ཕེབས་ཡོད་རེད། | If Sonam had had the money, she would have gone by plane. |
| གལ་སྲིད་ངས་ཞི་མི་ལ་ཤ་སྤྲད་ཡོད་པ་ཡིན་ན་ཁོས་བཟས་ཡོད་རེད། | If I had given the cat some meat, she would have eaten it. |
| གལ་སྲིད་ཁྱེད་རང་གིས་ཆང་དང་ཨ་རག་མང་པོ་མ་འཐུང་པ་ཡིན་ན་ད་ལྟ་མགོ་ན་ཡོད་མ་རེད། | If you hadn't drunk (so) much chang and liquor, you wouldn't have a headache. |