Grammar Bits › What you want and can do › WANT / NEED / HAVE TO

WANT / NEED / HAVE TO

I WANT TO…
Verb + འདོད་ + ཡོད། / འདུག / ཡོད་པས། / ཡོད་རེད།
Not : Verb + འདོད་མེད། Past : Verb + འདོད་བྱུང་། / མ་བྱུང་།
  • There is no future : the wish is a thought happening now, so use present auxiliaries (ཡོད། / འདུག) even when you talk about the future.
  • The present form is a present perfect (འདོད་ཡོད།, never འདོད་ཀྱི་ཡོད།). The verb before འདོད་ stays in its plain form.
  • In the past, འདོད་ is followed by བྱུང་། (for yourself) or by བྱུང་སོང་། / བྱུང་བ་རེད། (for others).
Asking
ཁྱེད་རང་ཚོ་བོད་ལ་ཕེབས་འདོད་ཡོད་པས། Would you like to go to Tibet? (H)
ང་དང་མཉམ་དུ་དགོན་པ་མཇལ་གར་འགྲོ་འདོད་ཡོད་པས། Would you like to go and visit a monastery with me? (H)
ང་ཚོ་(དང་)་མཉམ་དུ་འཁྱམ་འཁྱམ་ལ་འགྲོ་འདོད་མེད་པས། Don't you want to come for a walk with us?
I want / he wants
ང་བོད་ལ་འགྲོ་འདོད་ཡོད། I want to go to Tibet.
ལོ་རྗེས་མར་ང་གངས་རིན་པོ་ཆེ་ལ་འགྲོ་འདོད་ཡོད། Next year, I’d love to go to Mount Kailash.
ངའི་གྲོགས་མོས་བོད་སྐད་ཡག་པོ་ཤེས་ཙང་ང་ཁོང་དང་མཉམ་དུ་སྐད་ཆ་བཤད་འདོད་ཡོད། Since my friend knows Tibetan well, I would like to talk with her.
ངའི་པུ་གུ་ད་ལྟ་རང་ཁྱེད་རང་གི་ནང་ལ་འགྲོ་འདོད་འདུག My child wants to go to your house at once!
Doesn't want
དོན་གྲུབ་ཆང་ཁྱོན་ནས་འཐུང་འདོད་ཡོད་མ་རེད། Döndrub really doesn't like drinking chang.
ཁོང་སང་ཉིན་གློག་བརྙན་ལྟ་གར་འགྲོ་འདོད་ཡོད་མ་རེད། He doesn’t want to go and see a movie tomorrow.
(གལ་སྲིད་)ཁྱེད་རང་བོད་ཇ་འཐུང་འདོད་མེད་ན་གལ་ཡོད་མ་རེད། It's no problem if you don’t want to drink Tibetan tea.
Wanted (past)
པུ་གུ་ཚོ་ནང་སྦྱོང་བྱེད་འདོད་བྱུང་མ་སོང་། The children did not want to do (their) homework.
དེ་རིང་ང་འཛིན་གྲྭ་ལ་འགྲོ་འདོད་མ་བྱུང་། Today, I didn't feel like going to school.
ཁ་ས་ཁོང་ཚོ་འཁྱམ་འཁྱམ་ལ་འགྲོ་འདོད་བྱུང་སོང་། Yesterday, they wanted to go for a stroll.