ABOUT TO / JUST / ALMOST
I'M ABOUT TO…
| Verb + འགྲོའོ་ + ཡོད། / ཡོད་རེད། / འདུག Question : Verb + འགྲོའོ་ + ཡོད་པས། · Negative : Verb + འགྲོའོ་ + མེད། / མི་འདུག | |
| |
| About to / almost | |
| སྦྲག་ཁང་སྒོ་རྒྱག་འགྲོའོ་འདུག | The post office is about to close. |
| གནམ་ཐང་ལ་སླེབས་འགྲོའོ་ཡོད་རེད། | We're about to arrive at the airport. |
| ང་རང་ཚོས་ལས་ཀ་བྱེད་ཚར་འགྲོའོ་ཡོད། | We're about to finish working. |
| ཁྱེད་རང་ཞལ་ལག་མཆོད་འགྲོའོ་ཡོད་པས། | Are you about to eat? |
| རྒན་ལགས་ལྷ་སར་སླེབས་འགྲོའོ་ཡོད་རེད་པས། ལགས་རེད་སླེབས་འགྲོའོ་ཡོད་རེད། | Is (our) teacher about to arrive in Lhasa? Yes, he's about to arrive. |
| ཡིག་ཚད་སླེབས་འགྲོའོ་ཡོད་ཙང་སློབ་ཕྲུག་ཚོ་སློབ་སྦྱོང་རྐྱང་རྐྱང་བྱེད་ཀྱི་འདུག | The exam is about to take place. So, the students are studying all the time. |
| ཁྱེད་རང་ད་ལྟ་ག་པར་ཡོད། མཆོད་རྟེན་ལ་སླེབས་འགྲོའོ་ཡོད། | Where are you now? I am about to reach the stūpa. |
| ཆུ་ཚོད་དགུ་པ་ཟིན་འགྲོའོ་འདུག | It's almost 9 o'clock. |
| Not about to | |
| ལས་ཀ་ཚར་འགྲོའོ་མི་འདུག | The work is not about to be done. |
| ཡིག་ཚད་སླེབས་འགྲོའོ་མེད་ཙང་སློབ་ཕྲུག་ཚོ་ལྷོད་ལྷོད་རྐྱང་རྐྱང་བྱེད་ཀྱི་འདུག | Given the exam is not about to take place, the students do nothing but rest. |
| དགོངས་དག སླེབས་འགྲོའོ་མེད། ཚང་ཀ་ཚ་པོ་ཞེ་པོ་གཅིག་འདུག | Sorry, I'm not nearly there, there is a huge traffic jam. |
| Ready to… | |
| ཁྱེད་རང་འགྲོ་འགྲོའོ་ཡོད་པས། | Are you ready to leave? |
| ང་བོད་ལ་འགྲོ་འགྲོའོ་བྱེད་ཀྱི་ཡོད། | I'm getting ready to go to Tibet. |
I'VE JUST…
| Verb (past) + འགྲོའོ་ + ཡིན། / རེད། Question : Verb + འགྲོའོ་ + ཡིན་པས། / རེད་པས། · Negative : Verb + འགྲོའོ་ + མ་རེད། | |
| |
| I've just… / he's just… | |
| ང་འབྲུག་ཡུལ་ནས་ཡོང་འགྲོའོ་ཡིན། | I've just come from Bhutan. |
| ཁོང་ཚོ་འབབ་ཚུགས་ལ་ཕེབས་འགྲོའོ་རེད། | They've just arrived at the station. (H) |
| ང་བལ་ཡུལ་ལ་སླེབས་འགྲོའོ་ཡིན། | I have just arrived in Nepal. |
| ད་ལྟ་ཚིག་ཇ་འཐུང་གི་མིན། གང་ཡིན་ཟེར་ན་ངས་བོད་ཇ་མང་པོ་འཐུང་འགྲོའོ་ཡིན། | I won't have coffee right now because I've just had a lot of Tibetan tea. |
| པུ་གུ་ལ་བྱི་རིལ་མ་སྤྲད། ཁོས་སོ་བཀྲུས་འགྲོའོ་རེད། | Don't give the child candy! He has just brushed his teeth. |
| Has he just…? | |
| ཁོང་གི་ཁང་པ་རྙིང་པ་རེད་པས། མ་རེད། ཁོང་གི་ཁང་པ་བརྒྱབ་འགྲོའོ་རེད། | Is his house old? No, he has just built it. |
| ཁྱེད་རང་འདིར་ཕེབས་འགྲོའོ་ཡིན་པས། ལགས་ཡིན། ང་སླེབས་ནས་ཟླ་བ་གཅིག་ཕྱིན་སོང་། | Have you just arrived? Yes. It's been one month. (H) |
| ཁོང་རྒྱ་གར་ལ་ཕྱིན་འགྲོའོ་རེད་པས། ལགས་རེད། ཁོང་ཕྱིན་ནས་ཉི་མ་མང་པོ་ཕྱིན་མ་སོང་། | Has he just gone to India? Yes, it's just been a few days since he left. |
| དགོན་པ་འདི་ཞིག་གསོ་བྱས་འགྲོའོ་རེད་པས། ལགས་རེད། ཞིག་གསོ་བྱས་ནས་ཞེ་དྲགས་ཕྱིན་མ་སོང་། | Has this monastery just been repaired? It hasn't been a long time since it was repaired. |
| Not just | |
| ཁོ་རང་ཚོས་སོ་བཀྲུས་འགྲོའོ་མ་རེད་པ། | They haven't just brushed their teeth, correct? |
I ALMOST…
| Verb + འགྲོའོ་བྱས་ + པ་ཡིན། / པ་རེད། / སོང་། Negative : Verb + འགྲོའོ་བྱས་ + མ་སོང་། | |
| |
| I almost… / he almost… | |
| ཁོང་ཆུ་འདིའི་ནང་ལ་ཤི་འགྲོའོ་བྱས་པ་རེད། | He almost died in this river. |
| ཁེ་ས་ང་གློག་བརྙན་ཁང་ལ་ལྟད་མོ་ཡག་པོ་གཅིག་ལྟ་གར་འགྲོ་འགྲོའོ་བྱས་པ་ཡིན། | Yesterday, I almost went to the cinema to see a good movie. |
| ཨ་མ་མ། ཁོང་གི་སློབ་དེབ་སློབ་གྲྭ་ལ་འཁྱེར་ཡག་དྲན་པ་བརྗེད་འགྲོའོ་བྱས་སོང་། | Oh, he almost forgot to bring the book to school. |
| མདང་དགོང་ལམ་ཀ་ལ་གློག་མེད་ཙང་རྨོ་ལགས་གཅིག་རིལ་འགྲོའོ་བྱས་སོང་། | Because there was no light in the street last night, an old lady almost fell. |
| ངས་ལེགས་སྦྱར་སྐད་ཡིག་གི་དགེ་རྒན་བྱེད་འགྲོའོ་བྱས་པ་ཡིན། ཡིན་ནའི་མཐའ་མ་ལ་ཨེམ་ཆི་བྱས་པ་ཡིན། | I almost became a Sanskrit teacher, but then I became a doctor. |
| ལོ་སྔོན་མར་ངའི་གྲོགས་མོ་མཐོ་སློབ་ལ་འཛུལ་འགྲོའོ་བྱས་པ་རེད། ཡིན་ནའི་མཐའ་མ་ལ་སེམས་པ་གྱུར་བྱས་ལས་ཀ་བཙལ་པ་རེད། | Last year, my friend almost joined university. But in the end, she changed her mind and looked for a job. |
| I didn't almost… | |
| ཁོང་གི་སློབ་དེབ་སློབ་གྲྭ་ལ་འཁྱེར་ཡག་དྲན་པ་བརྗེད་འགྲོའོ་བྱས་མ་སོང་། | He didn't almost forget to bring his textbook to school. |